Tibetan Gorshay Song by Namsa Marpo

preview_player
Показать описание
གཡུ་སྦྲང་འཚང་ཀ་ཤིག་ཤིག་གི་གཞས་ཚིག།

ཡར་གྲོ་ཆ་རི་བོའི་འོག་ནས་། མེ་ཏོག་རྣམ་པ་བཀྲ་བྱུང་།
མཛེས་པའི་རིག་འཛིན་དབང་མོ་ སྨ་བྱ་བཞིན་སྒ྄ོ་ལས་ཚར་བ།
མེ་ཏོག་བཀྲག་སྡང་ཆེ་བ་ དྲི་ཞིམ་དངར་གསུམ་ལྡན་སོང་།
རིག་འཛིན་དབང་མོའི་གཞལ་རས་ པད་མ་དཀར་པོའི་རོ་མང་བདུད་རྩི་མེ་ཏོག་དེ།
གཡུ་སྦང་འཚང་ཀ་ཤིག་ཤིག། གཡུ་སྦྲང་འཚང་ཀ་ཤིག་ཤིག།

བར་ལ་་སྒཔ་གི་མེ་ཏོག་་ དུམ་རའི་ནང་གི་མེ་ཏོག་པད་མ།
མཛེས་པའི་ཅིམ་ཅི་ལྷ་མོ་ མེ་ཏོག་སྒང་ལ་འཕུར་སོང་།
འདི་འདྲའི་དྲི་ཞིམ་ལ་མེ་ཏོག་ ཅིམ་ཅི་ལྷ་མོ་འཁོར་སོང་།
ཅི་ལ་ཅི་ཅིམ་ཅི་ལྷ་མོ་མེ་ཏོག་སྒང་ལ་
འཕུར་ཞིང་ འབབ ཞིང་་སྡེམ་སོང་།
འདི་འདྲ་ལ་ཅིམ་ཅི་ལྷ་མོ། དེ་འདྲ་ལ་ཅིམ་ཅི་ལྷ་མོ་།

མ་ལ་རྒྱུག་རི་བོའི་འོག་ནས་་རྒྱུག་ུ་ཆུ་དངས་གཙང་རྒྱུགས་།
མཛེས་པའི་ཉ་ཆུང་སེར་མོ་ ངོམ་ཞིང་ངོམ་ཞིང་རྒྱུགས།
འདི་འདྲའི་དངས་གཙང་གི་རྒྱུག་ཆུ་ ཉ་ཆུང་སེར་མོ་འཁོར་སོང་།
མཛེས་པའི་ཉ་ཆུང་སེར་མོ་ ་རྒྱུག་ས་ཆུ་ནང་ལ་ངོམ་ཞིང་ངོམ་ཞིང་རྒྱུགས་སོང་།
འདི་འདྲ་ལ་ཉ་ཆུང་སེར་མོ་ འདི་འདྲ་ལ་ཉ་ཆུང་ལ་སེར་མོ།
Рекомендации по теме